ཚོགས་རྒྱན་འཕྲུལ་ཆས་ཀྱི་ཉིནམ།

Fri, 06 July 2018
To
Fri, 06 July 2018
ཐིམ་ཕུག་རྫོང་ཁག

ཐིམ་ཕུག་རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ ཉིནམ་༡་གི་རིང་ལུ་ཚོགས་རྒྱན་འཕྲུལ་ཆས་ཀྱི་ཉིནམ་འགོ་འདྲེན་འཐབ་ཅིག ཉིནམ་བརྩི་སྲུང་ཞུ་ས་ལུ་སྐུ་མགྲོན་གཙོ་བོ་འབད་ གླིང་གཞི་དྲུང་ཁག་གི་དྲུང་པ་མཆོག་བྱོན་གནང་ཡི། སྐུ་མགྲོན་གཙོ་བོ་གིས་གསུང་མི་ནང་ གཞུང་གིས་ཟད་འགྲོ་སྦོམ་གཏང་སྟེ་འགོ་བཙུགས་ཡོད་པའི་ཚོགས་རྒྱན་བཙུགས་ནིའི་ལམ་ལུགས་འདི་ལུ་ཡིད་ཆེ་བསྐྱེད་དེ་ ཚོགས་རྒྱན་བཙུགས་དགོཔ་འདི་ག་ནི་བ་གལ་ཆེཝ་མ་ཚད་ མི་རང་རྐྱང་གི་ཚོགས་རྒྱན་བཙུགས་ཏེ་ རང་གི་ཐོབ་དབང་དང་འགན་ཁུར་ཚུ་འཐུས་ཤོར་མེད་པ་འབག་སྟེ་ འབྲུག་རྒྱལ་ཁབ་ཀྱི་འགན་ཁྲི་ཅན་གྱི་མི་ཁུངས་འབད་སྡོད་དགོ་ཟེར་གསུངས་ཡི། འདི་མ་ཚད་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ སྤྱི་ལོ་༢༠༡༨་གི་ རྒྱལ་ཡོངས་ཚོགས་སྡེ་གི་བཙག་འཐུ་མཐར་འཁྱོལ་ཅན་འབད་འགོ་འདྲེན་འཐབ་མི་ལུ་ བཀྲིན་དགའ་ཚོར་ཕུལ་ཡོདཔ་མ་ཚད་ མགྱོགས་མ་རང་འགོ་འདྲེན་འཐབ་ནི་ཨིནམ་མི་ རྒྱལ་ཡོངས་ཚོགས་འདུའི་བཙུག་འཐུ་ཡང་འཐུས་ཤོར་མེད་པ་འགོ་འདྲེན་འཐབ་ཚུགས་པའི་རེ་བ་ཡོད་ཟེར་གསུངས་ཡི།

རྫོང་ཁག་བཙག་འཐུ་གཙོ་འཛིན་འགོ་དཔོན་འོགམ་གིས་འདི་ནང་འབྱོན་མི་ཡོངས་ལུ་ ཤུལ་མའི་བཙག་འཐུ་ཚུ་གིས་དོན་ལུ་གྲ་སྒྲིག་འབད་ཐབས་ལུ་དམིགས་ཏེ་ ལོ་ཨ་རྟག་རང་བདུན་ཕྲག་༡་ གི་རིང་ལུ་བཙག་འཐུ་སྡེ་ཚན་གྱིས་རྫོང་ཁག་༢༠་ནང་ལུ་ཚོགས་རྒྱན་འཕྲུལ་ཆས་ཚུ་འཕྱག་སྟེ་ ཧིང་སང་ས་བཞགཔ་ཨིན་ཟེར་ཞུ་ཡི། ཚོགས་རྒྱན་འཕྲུལ་ཆས་འདི་འབྲུག་རྒྱལ་ཁབ་རྐྱངམ་ཅིག་གིས་མ་དོ་བར་ རྒྱལ་ཁབ་གཞན་གྱིས་ཡང་ལག་ལེན་འཐབ་སྟེ་ཡོདཔ་ལས་ ཚོགས་རྒྱན་འཕྲུལ་ཆས་འདི་བློ་གཏད་ཚུགས་པའི་འཕྲུལ་ཆས་ཅིག་ཨིན་ཟེར་ཞུ་ཡི། འཕྲུལ་ཆས་འདི་གིས་གཤམ་འཁོད་ཁེ་ཕན་ཚུགས་ཡོདཔ་ཨིན་མས།

  1. ཚོགས་རྒྱན་བཙུགས་ནིའི་དུས་ཡུན་མར་ཕབ་གཏང་ནི།

  2. ཐད་ཀར་གྱི་གྲུབ་འབྲས་ཚུ་བཏོན་ཚུགས་ནིའི་ཁེ་ཕན།

  3. འཕྲུལ་ཆས་ལག་ལེན་འཐབ་མི་ཚུ་གིས་བློ་སྟོབས་ཡར་འཕར་གཏང་ནི།

  4. ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ཡར་གསེང་གཏང་ནི།

  5. ངན་ལྷད་མར་ཕབ་གཏང་ནི།

  6. མི་ལེ་ཤ་ལུ་ཚོགས་རྒྱན་བཙུགས་ནིའི་གོ་སྐབས་འབྱིན་ནི།

evm day

 

མཇུག་རང་བཙག་འཐུ་གཙོ་འཛིན་འགོ་དཔོན་འགོམ་གིས་ འཕྲུལ་ཆས་འདི་ལུ་ཡིད་ཆེ་མེདཔ་དང་ བློ་གཏད་མ་ཚུགས་པའི་ མ་བདེན་པའི་གཏམ་ཚུ་དར་ཁྱབ་མ་འབད་བར་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ནང་ལུ་ཚོགས་རྒྱན་བཙུགས་པ་འབྱོད་གནང་དགོ་ཟེར་ཞུ་ཡི།

 

བསྡུ་ལེན་པ།

བརྡ་དོན་འཕྲུལ་རིག་འགོ་དཔོན་གོངམ།